回到頂端
台灣噶千佛學會Garchen Dharma Institute

中文 | English | བོད་ཡིག | 網站地圖


首頁 / 最新消息  
 最新消息
    字型調整:

噶千傳記祈請文(中藏)

2020-04-17

༄༅། །འགྲོ་འདུལ་སེམས་དཔའ་ཆེན་པོ་མགར་ཆེན་རྡོ་རྗེ་འཆང་གི་
འཁྲུངས་རབས་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས་
དྲི་མེད་པད་དཀར་འཛུམ་ཕྲེང་
ཞེས་བྱ་བ་བཞུགས་སོ། །
調化有情菩薩摩訶薩噶千金剛持
歷代傳記祈請文.
無垢含笑白蓮
ན་མོ་གུ་རུ།
སྐུ་བཞིའི་དབང་ཕྱུག་ཁྱབ་བདག་རྡོ་རྗེ་འཆང་། །
བདག་བློ་ཐ་མལ་སྣང་ངོར་མི་ཡི་གཟུགས། །
ཕ་གཅིག་དྲན་ཆོག་བླ་མ་མགར་ཆེན་རྗེ། །
རྣམ་ཐར་རྗེས་སུ་དྲན་བཞིན་གསོལ་བ་འདེབས། །
南無咕汝(敬禮上師)!
四身自在遍主金剛持,
於我凡心境前現人形,
憶師便足如父噶千尊,
我今隨念行傳而祈請!
གདོད་མའི་མགོན་པོ་ཆོས་སྐུ་འོད་མཐའ་ཡས། །
ལྷུན་གྲུབ་རང་མདངས་ལོངས་སྐུ་པདྨའི་སྤྱན། །
འགྲོ་འདུལ་སྤྲུལ་སྐུ་པད་འབྱུང་སྲོང་བཙན་རྗེ། །
སྐུ་གསུམ་ཁྱབ་བདག་མཆོག་ལ་གསོལ་བ་འདེབས། །
原始怙主法身無量光,
任運自光報身蓮花目,
調眾化身蓮師松贊王,
最勝三身遍主我祈請!
སྔོན་ཚེ་བདེ་གཤེགས་ཀླུ་རིགས་སྒྲོན་མའི་དྲུང་། །
ཐུགས་བསྐྱེད་རྨད་བྱུང་རྒྱལ་བུ་འདོད་པ་སྐྱེས། །
མ་འོངས་སངས་རྒྱས་མོས་པ་སྣང་བྱེད་དཔལ། །
རྣམ་འདྲེན་མཆོག་གཟིགས་གཉིས་ལ་གསོལ་བ་འདེབས། །
昔於善逝龍種燈佛前,
稀有發心王子名「希欲」,
未來將成「勝解日德佛」,
導師聖識二尊我祈請。
འཕགས་ཡུལ་ཐུབ་པའི་སྤྱན་སྔར་མོ་འགལ་བུ། །
དཔལ་མགོན་ཀླུ་སྒྲུབ་ཐུགས་སྲས་འཕགས་པ་ལྷ། །
པདྨའི་གསང་འཛིན་ཀླུ་ཡི་རྒྱལ་མཚན་ཞབས། །
རྒྱལ་བའི་གདུང་འཚོབ་གསུམ་ལ་གསོལ་བ་འདེབས། །
聖境能仁尊前「目犍連」,
德怙龍樹心子「聖天」尊,
持蓮師密「魯宜嘉參」尊,
紹隆佛種三尊我祈請。
མི་ལའི་སྲས་མཆོག་རས་ཆུང་རྡོ་རྗེ་གྲགས། །
འཇིག་རྟེན་མགོན་པོའི་ཐུགས་སྲས་ཆོས་སྡིངས་པ། །
རྒྱལ་དབང་རཏྣའི་ཆོས་བདག་གཙང་ཆུང་ཞབས། །
རྨད་བྱུང་གྲུབ་མཆོག་གསུམ་ལ་གསོལ་བ་འདེབས། །
密勒高徒「惹瓊多傑札」,
世間怙主心子「曲丁巴」,
佛王惹納法主「藏瓊」尊,
稀有三勝證士我祈請。
དག་པའི་ཞིང་ལྔར་བྱང་སེམས་མཆོག་ལྔ་དང་། །
ཤམ་བྷ་ལ་སོགས་གདུལ་བྱའི་གནས་བཞི་རུ། །
བསམ་བཞིན་དམན་པའི་སྤྲུལ་པ་བཞིར་བསྟན་པ། །
གང་འདུལ་སྒྱུ་འཕྲུལ་འཆང་ལ་གསོལ་བ་འདེབས། །
五淨土中最上五菩薩,
香巴拉等所化四境中,
如願示現下等四化身 ,
隨類調化持幻我祈請。
བསྟན་པའི་གཞིར་གྱུར་བསྟན་འཛིན་ཕུན་ཚོགས་ཞབས། །
དྷརྨ་ཀིརྟིས་རྗེས་བཟུང་བསྟན་འཛིན་གྲགས། །
འབྲི་བསྟན་གཙུག་ནོར་ཆོས་ཀྱི་ཉི་མའི་ཞབས། །
གྲགས་པ་དོན་ལྡན་གསུམ་ལ་གསོལ་བ་འདེབས། །
教法之本「滇津彭措」尊,
達摩格諦攝受「滇津札」,
「確吉尼瑪」直貢教頂嚴,
知名具義三尊我祈請。
རིམ་གཉིས་མཐར་སོན་བསྟན་འཛིན་བྱང་ཆུབ་དབང་། །
བསླབ་གསུམ་མངའ་བདག་བསྟན་པའི་རྒྱལ་མཚན་མཆོག །
རྣལ་འབྱོར་དབང་ཕྱུག་ཕྲིན་ལས་ཡོངས་ཁྱབ་ཞབས། །
ངེས་དོན་བསྟན་འཛིན་གསུམ་ལ་གསོལ་བ་འདེབས། །
二次究竟「滇津蔣秋旺」,
三學主宰「滇貝嘉參」尊,
瑜伽之王「欽雷永恰」尊,
持了義教三尊我祈請。
སླར་ཡང་ཀུན་གྱི་གསང་གསུམ་གཅིག་བསྡུས་གར། །
སྙིགས་དུས་བསྟན་འགྲོའི་མགོན་དུ་ལེགས་བྱོན་པ། །
འགྲོ་འདུལ་སེམས་དཔའ་ཆེན་པོ་མགར་གྱི་མཚན། །
ངེས་དོན་བསྟན་པའི་ཉི་མར་གསོལ་བ་འདེབས། །
更有一切三密總攝舞,
善妙降臨濁世教眾 怙,
調眾摩訶薩埵名「噶爾」,
了義教法旭日我祈請。
གངས་ཅན་མདོ་ཁམས་ལྷོ་ཟླ་སྒང་གི་ཆ། །
མངོན་རྫོགས་ཧེ་རུ་ཀ་དཔལ་གནས་ཀྱི་མཆོག །
ཆམ་གྱི་ན་བུན་རྫོང་ཉེ་གདོང་རུ་གྲོང་། །
འཁྲུངས་པའི་གནས་སུ་གཟིགས་ལ་གསོལ་བ་འདེབས། །
雪域多康「洛達崗」轄境,
《現圓》吉祥嘿汝嘎聖地,
「羌吉拿本宗」旁「董如仲」,
照見降生處者我祈請。
ཡབ་ནི་དྲུང་ཆེན་རྨ་སེའི་གདུང་རིགས་ལས། །
རིག་སྔགས་འཆང་བ་རྨ་སེ་སེང་གེའི་མཚན། །
བསྐྱེད་ཡུམ་བདེ་སྐྱིད་གཡང་འཛོམས་མཁའ་འགྲོའི་ལྷུམས། །
བསམ་བཞིན་སྲིད་པར་ཆགས་ལ་གསོལ་བ་འདེབས། །
父為主秘「瑪色」骨系中,
持明咒者名「瑪色僧格」,
生母「德西央宗」空行之
胎中如願受生我祈請!
ཞིང་འདིར་མཚན་དཔེའི་ལྷུམས་རྒྱ་གྲོལ་ཉེ་ཚེ། །
ཆུ་སྣོད་འོ་མར་གྱུར་དང་བྱ་ཚོགས་འདུས། །
ཡབ་རྨིས་གསེར་གྱི་རྡོ་རྗེ་རྙེད་ལ་སོགས། །
དགེ་མཚན་མངོན་སུམ་འབར་ལ་གསོལ་བ་འདེབས། །
相好旋將降生此剎時,
器中水成牛乳,群鳥聚,
父親夢得黃金杵等事,
吉兆現前輩出我祈請。
དུས་ཀྱི་རྒྱལ་པོ་རབ་བྱུང་བཅུ་དྲུག་པ། །
གནམ་ལོའི་ཁྱད་པར་མེ་ཁམས་ཁྱུ་མཆོག་ལོ། །
དཔྱིད་འབྲིང་དབོ་ཟླའི་དམར་ཕྱོགས་ཚེས་བཅུ་ལ། །
མཚན་དཔེ་པདྨོ་བཞད་ལ་གསོལ་བ་འདེབས། །
最勝吉時第十六勝生,
年值藏曆殊勝火牛年,
仲春翼宿二月初十日,
相好蓮花綻放我祈請!
གཞོན་ནུ་ཉིད་ནས་དམ་པའི་རང་རྟགས་རྫོགས། །
སྔོན་གནས་རྗེས་དྲན་རྒྱལ་སྲས་རོལ་རྩེད་མཛད། །
འབྲི་གུང་སྐྱབས་མགོན་ཞི་བའི་མཚན་ཅན་གྱིས། །
རྡོ་རྗེའི་ལུང་གིས་བསྔགས་ལ་གསོལ་བ་འདེབས། །
自幼圓具大德之本性,
隨念宿世王子作遊戲;
直貢怙主具名「喜威」尊,
金剛語所讚歎我祈請。
གྲུ་འཛིན་གཉིས་པ་ཉང་ཆེན་པོ་ཏཱ་ལ། །
མགར་གྱི་གདན་ས་བྱང་ཆུབ་ཆོས་གླིང་དུ། །
ཐེག་ཆེན་ཆོས་ཀྱི་ཁྲི་ལ་མངའ་དབང་བསྒྱུར། །
བསྟན་པའི་བདག་པོ་མཆོག་ལ་གསོལ་བ་འདེབས། །
第二普陀娘沁布達拉,
噶爾法座菩提法洲寺,
其中統御大乘之法座,
最勝教法之主我祈請。
ཡོངས་འཛིན་དགེ་བའི་གཤེས་གཉེན་དུ་མའི་དྲུང་། །
རིག་པའི་གནས་ལ་གསན་བསམ་སྦྱངས་པ་དང་། །
གོང་མའི་ཐུགས་སྲས་གྲུབ་དབང་འཆི་མེད་ལས། །
སྨིན་གྲོལ་གདམས་བཅུད་བཞེས་ལ་གསོལ་བ་འདེབས། །
眾善知識親教師尊前,
聽聞思辨學習諸明處,
前世心子證士「企美」前,
擷取熟解 教誡我祈請。
ལུང་དཀར་བཤད་སྒྲུབ་གསང་ཆེན་ཆོས་རྫོང་དུ། །
འབྲོང་སྤྲུལ་ཡབ་སྲས་ཟུང་ལས་རང་ལུགས་ཀྱི། །
གསར་རྙིང་དབང་ལུང་སྒྲུབ་ཕྲིན་ཕྱག་བཞེས་སོགས། །
ཡོངས་རྫོགས་ཐུགས་མཛོད་གཏམས་ལ་གསོལ་བ་འདེབས། །
龍嘎講修大密法堡寺,
「鍾珠」師徒二人傳自宗,
新舊灌頂口傳修法規,
完整心意寶庫我祈請。
རྟོགས་ལྡན་རྒྱལ་པོ་གྲུབ་དབང་དགེ་འབྱུང་ལས། །
ཕྱག་ཆེན་ལྔ་ལྡན་ཟབ་ལམ་ཆོས་དྲུག་སོགས། །
དོན་བརྒྱུད་སྙིང་པོའི་གདམས་ཁྲིད་མན་ངག་གསན། །
བཀའ་བརྒྱུད་གྲུབ་སྲོག་འཛིན་ལ་གསོལ་བ་འདེབས། །
證悟者王「竹旺給炯」處,
大印五支深道六法等,
聞義傳藏,教言引導訣,
掌持噶舉修教我祈請。
ཁྱད་པར་གྲུབ་མཆོག་འཆི་མེད་རྡོ་རྗེ་འཆང་། །
རིགས་ཀྱི་བདག་པོ་མཆོག་ཏུ་གུས་བསྙེན་ཏེ། །
སྨིན་གྲོལ་གདམས་པའི་ཕ་ཕོག་བདག་གིར་བཞེས། །
གོང་མའི་བརྒྱུད་སྲོལ་འཛིན་ལ་གསོལ་བ་འདེབས། །
尤其恭敬依止勝部主──
勝成就者「企美」金剛持,
承擔熟解教誡之宗法,
住持祖師傳統我祈請。
རང་དོན་ཐོས་བསམ་སྒོམ་སྒྲུབ་ཉམས་བཞེས་དང་། །
བསྟན་དོན་བཤད་སྒྲུབ་འཛིན་སྐྱོང་སྤེལ་བའི་སྒོ། །
གཞན་དོན་ཆུང་ནས་གདུལ་བྱའི་དོན་མཛད་མགོན། །
རྒྱལ་སྲས་བསྟན་འགྲོའི་དཔལ་ལ་གསོལ་བ་འདེབས། །
聞思修行實踐圓自利,
講修護持弘法為聖教,
怙主利他度眾無鉅細,
佛子教眾德尊我祈請。
མི་བཟད་དུས་ཀྱི་ཁྲི་མུན་སྟུག་པོའི་འོག །
མཁས་བཙུན་གྲུབ་པའི་སྐྱེས་ཆེན་ཚོགས་དང་བཅས། །
སྦས་ཐབས་སྣང་བ་ལམ་འཁྱེར་བརྟུལ་ཞུགས་ཀྱིས། །
རྟོགས་པའི་ཡང་རྩལ་སྦྱངས་ལ་གསོལ་བ་འདེབས། །
難忍時局森嚴囹圄中,
與諸智戒證士大德眾,
隱密轉化現象為道用,
禁行砥礪證悟我祈請。
ཡང་དར་བསྟན་པའི་མྱུ་གུ་ཁ་འབུས་ཚེ། །
རིས་མེད་ཐུགས་བསྐྱེད་ཡངས་པའི་ཆར་ཟིམ་དང་། །
ཕྱོགས་མེད་ཐུགས་རྗེས་ཁྱབ་པའི་ཉི་འོད་གཟིས། །
རྒྱལ་བསྟན་པད་ཚལ་འབྱེད་ལ་གསོལ་བ་འདེབས། །
中興時期教法未萌發,
無偏宏大發心若細雨,
無垠大悲周遍之日光,
令啟佛法蓮苑我祈請。
ཁྱད་པར་བཀའ་བརྒྱུད་འབྲི་བསྟན་སྤྱི་བྱེ་བྲག །
བཤད་སྒྲུབ་ཉམས་གསོའི་བདག་རྐྱེན་ཚད་མེད་པས། །
འཁོར་ལོ་གསུམ་གྱི་མཛད་འཕྲིན་ཆེས་ཆེར་སྤེལ། །
ཡང་དར་བསྟན་པའི་ཤིང་རྟར་གསོལ་བ་འདེབས། །
尤於整體支分噶舉教,
主持恢復直貢講修務,
三輪利生事業漸增上,
中興教法宗師我祈請。
གསར་རྙིང་རྒྱུད་དང་སྒྲུབ་སྡེས་ཉེར་མཚོན་པའི། །
རང་ལུགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཀུན། །
ཉམས་པ་གསོས་དང་རྒྱུན་འཛུགས་དར་སྤེལ་གྱིས། །
བསྟན་པའི་སྲོག་རྒྱུན་མཐུད་ལ་གསོལ་བ་འདེབས། །
新舊續部修部所代表,
自宗一切實踐之傳統,
皆令恢復豎立並廣弘,
接續教法命脈我祈請。
འབྲི་བསྟན་གཙུག་ནོར་སྐྱབས་མགོན་དྷརྨའི་མཚན། །
དོན་བརྒྱུད་སྲོག་འཛིན་གྲུབ་དབང་དཔའ་ཆུང་ཞབས། །
ཕན་ཚུན་ཞལ་འཛོམས་ཐུགས་ཡིད་གཅིག་འདྲེས་ཤིང་། །
བྱིན་རླབས་དགོངས་བརྒྱུད་འཕོས་ལ་གསོལ་བ་འདེབས། །
直貢至尊依怙名「達摩」,
持義傳命──成就「巴瓊」尊,
與之相見心意匯一趣,
遷入加持意傳我祈請。
ལས་སྨོན་རྟེན་འབྲེལ་ཟབ་མོའི་མཚམས་སྦྱར་བས། །
ཐེག་རྩེའི་མངའ་བདག་མཁན་ཆེན་མུན་སེལ་དྲུང་། །
རྟོགས་གྲོལ་དུས་མཉམ་རྒྱལ་ཚབ་སྤྱི་བླུགས་བརྙེས། །
ཀུན་བཟང་རྒྱལ་སྲིད་གྲུབ་དེར་གསོལ་བ་འདེབས། །
結合發願甚深之緣起,
乘頂主宰「堪欽門色」前,
悟解 同時,授權為補處,
成就普賢國政我祈請。
ལྐོག་གྱུར་ཐོགས་པ་མེད་དང་དངོས་ཞལ་གཟིགས། །
ཇ་ཞལ་བཅུད་བཅས་འཕང་བས་མ་ཟག་དང་། །
དབྱར་གྱི་གཙང་པོ་གྱེན་དུ་བཟློག་ལ་སོགས། །
གྲུབ་རྩལ་མངོན་སུམ་འབར་ལ་གསོལ་བ་འདེབས། །
於遮蔽分無礙親照見,
茶杯雖翻茶汁未溢灑,
能使夏河倒流等事蹟,
現前盛成就力我祈請。
ཕྱོགས་མེད་ཡུལ་དུ་རིས་མེད་གདུལ་བྱའི་ངོར། །
སྒྲུབ་ཆེན་སྒྲུབ་ཕྲན་གསོན་གཤིན་དགེ་རིམ་སོགས། །
ཉིན་མཚན་ལྟོས་མེད་གཞན་དོན་ཁོ་ནར་གཞོལ། །
འགྲོ་བའི་སྐྱབས་མགོན་མཆོག་ལ་གསོལ་བ་འདེབས། །
無論何處任何所化前,
大小修法冥陽善法儀,
不分晝夜唯勤行利他,
眾生最上怙主我祈請。
མཐོ་ལ་ངོ་སྲུང་དམན་ལ་ཁྱད་གསོད་དྲེགས། །
ནམ་ཡང་མི་མངའ་ཀུན་ལ་སྙོམས་པའི་ཐུགས། །
བྱམས་པའི་དགྱེས་ཞལ་འཛུམ་བག་ལྷམ་མེ་བ། །
རྒྱལ་སྲས་ཀུན་ཏུ་དགའ་ལ་གསོལ་བ་འདེབས། །
從未阿諛上位凌下位,
不存傲心視眾悉平等,
心慈微笑怡然神彩奕,
常懷歡喜佛子我祈請。
རིས་བྲལ་མཆོག་དམན་བར་མ་སུ་གང་གིས། །
ཞལ་མཇལ་གསུང་ཐོས་ཙམ་གྱིས་ཡིད་གཡོས་ཏེ། །
བརྗེད་མེད་དད་པའི་ཡིད་མཁར་རྟག་འཆར་བ། །
འབྲེལ་ཚད་དོན་ལྡན་མཆོག་ལ་གསོལ་བ་འདེབས། །
凡有上中下等一切人,
見之聞之咸受其觸動,
信心長存於心不或忘,
結緣具義尊者我祈請。
སྐུ་ཚེའི་སྨད་དུ་འགྲོ་དོན་དུས་བབ་ཀྱིས། །
རྒྱལ་ཁམས་གཞན་གྱི་གདུལ་བྱ་འདུལ་བའི་སླད། །
མཛད་ཕྲིན་ཁ་ལོ་ཕྱོགས་ནས་ཕྱོགས་སུ་བསྒྱུར། །
ཐུགས་རྗེ་མཁའ་ལྟར་ཁྱབ་ལ་གསོལ་བ་འདེབས། །
於下半生利眾時機至,
為赴他國調伏所化眾,
輾轉奔波行持利生事,
大悲周遍如空我祈請。
འཕགས་པའི་ཡུལ་དུ་ཐོག་མར་ཞབས་བསྐྱོད་ཚེ། །
སྒྲུབ་བརྒྱུད་གཙུག་ནོར་སྐྱབས་མགོན་འབྲི་གུང་པ། །
ཡབ་སྲས་ཞལ་འཛོམས་དགའ་སྟོན་ཆོས་སྐྱེས་སྨར། །
བླ་མའི་བླ་མར་བསྔགས་ལ་གསོལ་བ་འདེབས། །
首度足履聖者之國時,
修傳至尊依怙直貢巴,
師徒相會歡宴演妙法,
譽為上師之師我祈請。
རྒྱ་བལ་གནས་ཆེན་ཡོངས་ལ་ཚོགས་བསག་སྤེལ། །
རིས་མེད་སྐྱེས་ཆེན་མཇལ་འཕྲད་ཀུན་གྱིས་བཀུར། །
དགོན་སྡེ་དུ་མར་སྨིན་གྲོལ་ཆོས་འཁོར་བསྐོར། །
ལེགས་ཚོགས་སྒོ་བརྒྱ་འཕར་ལ་གསོལ་བ་འདེབས། །
印度尼國聖地集資糧,
弘化晤諸大德受眾敬,
於眾伽藍轉熟解法輪,
廣開眾善百門我祈請。
དེ་ནས་རང་ཡུལ་གངས་ཅན་ཆོས་ཀྱི་ཞིང་། །
གང་འདུལ་བསྟན་འགྲོའི་ལེགས་སྤེལ་ཉེས་བཟློག་ཅིང་། །
སླར་ཡང་འདུལ་ཞིང་ཕྱི་གླིང་ཕྱོགས་ལ་བསྐྱོད། །
འགྲོ་དོན་ཕྱི་མཐའ་གཟིགས་ལ་གསོལ་བ་འདེབས། །
後於家鄉雪域佛剎中,
隨化教眾增善並止惡,
復又踐履外國之化土,
照見未來利生我祈請。
རྒྱལ་ཁམས་ཐ་དད་མི་རིགས་ཐ་དད་དང་། །
སྐད་རིགས་ཐ་དད་གོམས་གཤིས་ཐ་དད་པར། །
འཛམ་གླིང་ཤར་ནུབ་མོས་ལྡན་གདུལ་བྱའི་གཞིར། །
གང་འདུལ་ཆོས་ཆར་ཕབ་ལ་གསོལ་བ་འདེབས། །
不同國中不同之種族,
不同語言不同之風俗,
世界東西虔誠所化眾,
隨化降澍法雨我祈請。
བྱམས་པའི་ཞལ་གྱིས་ཀུན་ལ་ཀུན་དགའ་སྟེར། །
བདེན་པའི་གསུང་གིས་འགྲོ་བློ་ཆོས་ལ་འགོད། །
ཐུགས་རྗེའི་མཐུ་ཡིས་སྨིན་གྲོལ་དུས་གཅིག་མཛད། །
འདུལ་བཞིའི་སྒྱུ་འཕྲུལ་མངའ་ལ་གསོལ་བ་འདེབས། །
慈語隨處皆予人歡喜,
其真實語令眾心入法,
大悲威力熟解俱時成,
具四調伏 幻化我祈請。
གང་ལ་ཅི་དགའ་སུ་ལ་ཅི་འདོད་པའི། །
སེམས་ཅན་མགུ་བའི་མཐུན་འཇུག་སྣ་ཚོགས་ཚུལ། །
དོན་དམ་བསྡུ་དངོས་བཞི་ཡི་ཕྲིན་ལས་ཀྱིས། །
ཐབས་མཁས་གདུལ་བྱ་སྐྱོང་ལ་གསོལ་བ་འདེབས། །
應人所好及其所希求,
以諸順應有情所喜法,
復以勝義四攝法事業,
善巧護育所化我祈請。
ཐུགས་ཆེན་གསང་འདུས་འཆི་མེད་འཕགས་མ་དང་། །
འཇམ་དཔལ་གཤིན་རྗེ་ལ་སོགས་ཐུགས་དམ་ལྷ། །
དབྱེར་མེད་གྲུབ་པའི་ཕྲིན་ལས་རྣམ་པ་བཞིས། །
བསྟན་འགྲོའི་ཕན་བདེ་སྤེལ་ལ་གསོལ་བ་འདེབས། །
大悲密集無死聖度母,
文殊閻摩敵等本尊天,
以四無別成就之事業,
廣增教眾利樂我祈請。
བྱས་བྱས་མང་པོའི་སྒོམ་ཡུས་མ་དགོས་པར། །
ཚོགས་དབེན་དལ་བྲེལ་སྤྱོད་ལམ་ཀུན་ཏུ་ཡང་། །
དགོངས་པ་ཏིང་འཛིན་ངང་ལས་མི་གཡོ་བར། །
རྟོགས་པ་ཉམས་འོག་ཆུད་དེར་གསོལ་བ་འདེབས། །
毋需賣弄廣行禪修事,
鬧靜恆定一切威儀中,
心意不離等持無動搖,
已然通達證悟我祈請。
བསླབ་བསླབ་མང་པོའི་ངལ་བར་མ་ལྟོས་པར། །
གཅིག་ཤེས་ཀུན་དོན་རྟོགས་པའི་རིག་རྩལ་ལས། །
ཉམས་མྱོང་ཟབ་དོན་རྒྱ་མཚོའི་ཀློང་བརྡོལ་བ། །
ངེས་དོན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །
不辭多番教導無疲厭,
知一即悟諸義覺力中,
湧現體驗深義翰海界,
了義佛法之王我祈請。
མཁྱེན་ལྡན་མཁས་དང་གྲུབ་པ་མང་ཞིག་ཀྱང་། །
མགོན་པོ་གང་གི་གསུང་ཆོས་ཐོས་ཙམ་གྱིས། །
ཐུན་མིན་གནད་ཀྱི་ངེས་ཤེས་ཐོབ་ཅེས་བསྔགས། །
གྲགས་པ་དོན་ལྡན་མཆོག་ལ་གསོལ་བ་འདེབས། །
即便具慧博學成就廣,
僅聞怙主法語咸讚揚,
獲得不共要義之定解,
音聲具義尊者我祈請。
སོ་བྱང་སྔགས་གསུམ་འགལ་མེད་གནད་གཅིག་སྡོམ། །
ཕྱག་རྫོགས་དབུ་གསུམ་དགོངས་པ་གཅིག་ཏུ་སྟོན། །
ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་གཅིག་ལ་དྲིལ། །
ཐེག་མཆོག་དགོངས་པ་བརྙེས་ལ་གསོལ་བ་འདེབས། །
整合三乘要領不相違,
印圓中觀密意俱暢演,
見修行之實踐匯一處,
已獲勝乘密意我祈請。
ཕྱི་ལྟར་བཟང་པོ་སྤྱོད་པའི་ངང་ཚུལ་མཛེས། །
ནང་ལྟར་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས། །
གསང་བ་ཏིང་འཛིན་རྒྱ་མཚོ་གཡོ་མེད་བརྟན། །
མཆོག་གི་རྡོ་རྗེ་འཛིན་པར་གསོལ་བ་འདེབས། །
外在普賢行之氣宇軒,
內在菩提心已盈相續,
祕密如海禪定堅不動,
最上金剛持尊我祈請。
གང་འདུལ་འགྲོ་བ་འདུལ་བའི་ཐབས་ལ་མཁས། །
རྣམ་དག་རྒྱལ་སྲས་སྤྱོད་མཆོག་འཆང་བས་བཙུན། །
གཞན་ཕན་ཚད་མེད་སྙིང་རྗེས་ཀུན་ནས་བཟང་། །
མཁས་བཙུན་བཟང་པོའི་ཕུལ་ལ་གསོལ་བ་འདེབས། །
善巧隨類調伏眾生法,
持戒具勝清淨佛子行,
無量利他大悲悉賢善,
智戒賢善已極我祈請。
ཕྱི་རོལ་ཡུལ་སྣང་དག་པའི་འཁོར་ལོར་སད། །
ནང་གི་རྩ་ཁམས་དྭངས་མའི་སྲོག་ཏུ་སྨིན། །
གསང་བ་རླུང་སེམས་ཡེ་ཤེས་ཀློང་དུ་འབྱམས། །
གསང་ཆེན་ཟུང་འཇུག་གྲུབ་ལ་གསོལ་བ་འདེབས། །
外境顯現醒為清淨壇,
於內諸脈熟為澄清命,
祕密風心智界極開廣,
成就大密雙運我祈請。
མདོར་ན་བཅོས་མའི་ཟོལ་དང་གཏན་བྲལ་བའི། །
རྣམ་དག་བྱང་ཆུབ་སེམས་ཀྱི་རང་གཟུགས་དངོས། །
ཀུན་ནས་མཚུངས་ཟླ་བྲལ་བ་ཆོས་ཀྱི་རྗེ། །
མགར་ཆེན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །
總之全無造作無虛偽,
乃真清淨菩提心本色,
所向無與倫比之法尊,
噶千金剛持尊我祈請。
དུང་དུང་མོས་གུས་ཤུགས་ཀྱིས་རྒྱུད་བསྐུལ་ཞིང་། །
ལྷང་ལྷང་གདུང་བའི་དབྱངས་ཀྱིས་གསོལ་འདེབས་ན། །
ཐིབ་ཐིབ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཆར། །
སིབ་སིབ་མོས་ལྡན་རྒྱུད་ལ་སིམས་མཛད་གསོལ། །
切切虔敬至誠觸心弦,
朗朗激越音韻作祈請,
稠稠三身心意加持雨,
濛濛滲入虔信者心續。
དད་གསུམ་མི་ཕྱེད་གདུང་བས་གུས་ཕྱག་འཚལ། །
སྒོ་གསུམ་དགེ་ཚོགས་མཆོད་པའི་དངོས་པོར་འབུལ། །
དུག་གསུམ་ཉེས་བྱས་ཐུགས་འགལ་ནོངས་པ་བཤགས། །
གསང་གསུམ་མཛད་པ་རྒྱ་མཚོར་རྗེས་ཡི་རངས། །
ཐེག་གསུམ་བླ་མེད་ཆོས་འཁོར་སྐོར་བཞིན་དུ། །
སྐུ་གསུམ་ཚེ་ལྷའི་ངོ་བོར་རྟག་བཞུགས་གསོལ། །
དུས་གསུམ་བྱས་བསགས་རྣམ་དཀར་དགེ་བའི་ཚོགས། །
ཁམས་གསུམ་ཡོངས་གྲོལ་ཆེན་པོ་ཐོབ་ཕྱིར་བསྔོ། །
不退三信至誠敬頂禮,
奉獻三門善聚為供物,
懺悔三時諸過與違犯,
隨喜三密如海之事業,
請轉三乘無上妙法輪,
恆住三身長壽本尊性,
所造三時純淨眾善聚,
迴向三界悉得大解脫。
བདག་ཀྱང་དེང་ནས་ཚེ་རབས་ཕྲེང་བ་རུ། །
རིགས་བདག་བླ་མ་མཆོག་དང་མི་འབྲལ་བར། །
མཉེས་པ་གསུམ་གྱི་ཞབས་ཏོག་མཐར་ཕྱིན་ཅིང་། །
སྟོན་འཁོར་ཚོམ་བུ་གཅིག་ཏུ་འགྲོག་པར་སྨོན། །
我亦願自此生一切生,
不離最勝部主上師尊,
究竟以三歡喜作承侍,
發願師徒相伴一壇城。
མཁའ་མཐར་མཉམ་པའི་ཡིད་ཅན་མ་ལུས་ཀུན། །
འདྲེན་མཆོག་བླ་མའི་དེད་དཔོན་ལ་བརྟེན་ནས། །
ངམ་ནག་སྲིད་པའི་མཚོ་ལས་མྱུར་བསྒྲལ་ཅིང་། །
ཐར་མཆོག་བདེ་ཆེན་ས་ལ་འགོད་གྱུར་ཅིག །
等虛空際有情盡無餘,
願依最勝導師商主師,
速脫凶險三有之大海,
令登最勝解脫大樂地。
ཅེས་པ་འདི་ཡང་བསྟན་ལ་ལྷག་བསམ་གྱི་ཁུར་འཆང་ཞིང་རྣམ་དཔྱོད་ཀྱི་བློ་སྒོ་ཡངས་པ་དགེ་ཡེ་ཤེས་རབ་རྒྱས་ནས། སྐྱབས་མཆོག་བླ་མ་མགར་ཆེན་རིན་པོ་ཆེའི་དོན་གྱི་རྣམ་ཐར་དང་སྦྱར་བའི་གསོལ་འདེབས་ཤིག་དགོས་གལ་ཤིན་ཏུ་ཆེ་བས། ཁྱོད་ཀྱིས་ཅིས་ཀྱང་འབྲི་དགོས་ཞེས་ནན་ཏན་ཆེན་པོས་བསྐུལ་བ་ལ། རང་ཡང་དེར་འདུན་ཆེ་བ་སྨོས་མེད་ཀྱང་། བྲེལ་དབང་གིས་རྗེས་སོར་ག་ལེར་འབྲི་ཐུབ་ན་སྙམ་སྟེ་འགྱངས་པས། སླར་ཡང་ཁོང་གིས་བླ་མ་རིན་པོ་ཆེ་དགུང་གྲངས་གྱ་བཞི་ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་ཚེས་ལ་ཉེ་བའི་འབྲེལ་བསྟུན། མྱུར་དུ་མ་བྲིས་ཐབས་མེད་ཀྱི་དུས་བཀག་དང་བཅས་ནན་ཆེའི་བསྐུལ་ལྕག་མ་ལྡོག་པར་དང་དུ་བླངས་ཤིང་། སྔར་གྱི་སྐྱེས་རབས་གསོལ་འདེབས་ཁག་གཉིས་ཤིག་ལས་སྐུ་དངོས་ཀྱི་རྣམ་ཐར་དང་འབྲེལ་བའི་དཔྱད་གཞིར་འོས་པའི་ཡིག་ཆ་གང་ཡང་མ་འབྱོར་བས། བླ་མའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་གནས་སྐབས་རང་གིས་མཐོང་ཐོས་ཀྱི་ཆ་ཤས་ཙམ་བརྗོད་བྱར་བྱས་ཏེ། རྗེ་བླ་མའི་སྐྱབས་འོག་པ་ལྷོ་བསྟན་མིང་པས་ཐུན་མཚམས་སུ་འཕྲལ་འཕྲལ་གང་དྲན་ཚིག་གིས་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག །དགེའོ།། །། ༢༠༢༠-༤-༡༣
對教法懷有熱忱與責任感,並具卓越智慧的耶喜然杰老師曾鄭重請託道:「應當要有一篇與最勝依怙上師噶千仁波切真實傳記相關的祈請文,此事極為要緊,你無論如何必須寫出一篇。」雖然我自己也表示十分樂意,但因忙碌便打算日後再慢慢撰寫,也就這麼擱置了。後來,他又表示仁波切八秩晉四華誕在即,非得盡速寫成不可,並且設定期限,殷殷敦促。由於不好推辭,於是便承擔了下來。凡屬於過去兩篇〈歷代祈請文〉當中與[仁波切]本人傳記相關、但仍待查證的部分,在此都未加以採用,而是從上師如海傳記當中,按自己現階段的見聞片段做為題材[所寫成]。此文乃是蒙受至尊上師所庇佑、名為「洛.丹」者(洛.鍾珠仁波切)於座間,隨思緒所及,匆促成文,以此做為祈請。惟願所作祈請皆能具義。善哉!時二零二零年四月十三日。
悉達多跋特嘛毗迦雅於上師仁波切八秩晉四華誕吉祥日恭譯圓滿。
願智悲廣被!